Sunday, October 23, 2011

My X School(BHSS)


བ་གྱོང་སློབ་གྲྭ།།
མ་སྤུ་ན་གཙང་ཆུའི་ལྟག་ལུ།།
ཡ་ཕང་གཡུལ་གངས་ཀྱི་འོག་ལུ།།
བ་གྱོང་ཐང་གི་སྦུག་ན་ལུ།།
ལྷ་གཡུལ་ས་ལུ་འབབ་སྟེ་ཡོད།།        ལོ་ངོ་བཅུ་གཅིག་སྔོན་མ་ལུ།།
                       མི་དབང་འབྲུག་རྒྱལ་བཞི་པ་གིས།།
                       མ་འོངས་ན་གཞོན་ཕན་ཐབས་ལུ།།
                       བ་གྱོང་སློབ་གྲྭ་གཞི་བཙུགས་གནང་།།
ཞིང་ཁམས་འདྲ་བའི་བ་གྱོང་ལུ།།
དམངས་གཙོ་གཞུང་གི་དོན་ལུ༌སྨོ།།
སྐུ་གཡོན་མཁས་པའི་སློབ་དཔོན་དང་།།
དམ་ཚིག་ཅན་གྱི་སློབ་ཕྲུག་ཡོད།།       དབུ་འཛིན་རིན་འཛིན་དབང་འདུས་ཡ།།
                       སློབ་གྲྭ་འདི་ནང་བྱོན་ཏེ་གིས།།
                       ལོ་ངོ་གཉིས་ཀྱི་ནང་ན་རང་།།
                       བ་གྱོང་སྔར་ལས་གོང་འཕལ་བཏང་།།
སྤྲང་པོ་དཀར་མ་ང་ལུ་ཡང་།།
བསོད་ནམས་ཕུས་ཀྱིས་མ་རྫོགས་པར།།
བ་གྱོང་སློབ་གྲྭ་འདི་ནང་ལུ།།
ཚོང་རིག་ཁང་ན་འཛོམས་ཏེ་ཡོད།།